无障碍阅读 关怀版

当前位置: 首页>政务公开>藏文信息化 > 软件推广应用

藏文字体(吞弥恰俊—天邦玛琼赤体)简介和下载地址

作者: 来源:区藏语委办(编译局) 发布时间:2024-06-12

吞弥恰俊—天邦玛琼赤体

字体简介:

རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕཌ་དང་མཁས་གྲུབ་དགེ་ལེཌ་དཔལ་བ་ཡོན་མཆོད་ཟུང་གིས་ བཀའ་འགྱུར་ཐེམ་སྤངས་མ་བཞེངས་པའི་ཚེ། སྐབས་དེར་ཡི་གེའི་འཕྲུལ་ལ་རྩེར་སོན་པ་སྙེ་མོའི་ཡིག་མཁན་དཔོན་མོ་ཆེ་སངས་རྒྱས་རྒྱལ་མཚན་གྱིས་གཙོས་པའི་ཡིག་མཁན་མི་ཉུང་བ་སྙེ་མོ་ནས་གདན་དྲངས་ཏེ་འཇམ་དབྱངས་ཁྱུང་པོ་གཡུ་ཁྲིའི་ཁྱུང་བྲིས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་བའི་བཀའ་འགྱུར་ཐེམ་སྤངས་མ་དེ་ཉིད་ལེགས་པར་བཞེངས།

བྲིས་ཀྱི་གཞུང་ལུགས་ལྟར་ན། གཟབ་མའི་ཡི་གེའི་གཟུཌ་ལ་ཚང་དགོས་པའི་ཁྱུང་ལུཌ་བཞི་བཅུ་དང་བཅས་པ། གཅེས་བརྒྱད་འདོན་བཅུ་དང་བཅས་པའི་ཐིག་རྩའི་ཁུངས་བཙན་ལ། བྲིས་ཀྱི་ཉམས་འགྱུར་ལ་མཚོན་ན། ལི་ཁམ་འཛར་གསུམ་ཞེས་ཡི་གེར་ཤ་ཉམས་ཐོན་པས་ལི་ཕོག་པ། རུས་ཉམས་ཐོན་པས་ཁམ་ཕོག་པ། འཛར་ཉམས་ཐོན་པས་གཙང་ཞིང་བདེ་བའི་ཉམས་ཐོན་པ་སོཌ་ཉམས་འགྱུར་དུ་མས་ཕྱུག་པས། བྲིས་ཀྱི་གཞུང་དང་ལག་ལེན་ལ་བྱང་བས་བལྟས་ན། བལྟ་བས་མི་ངོམས་པ་ངོ་མཚར་འབུམ་དང་ལྡན་པ་ནི། རིག་པ་འདི་ལ་བྱང་བའི་གཟུར་གནས་དག་གིས་མཁྱེན་པར་ནུས། 

吞弥恰俊——天邦玛琼赤体.zip

【打印本页】 【关闭窗口】