无障碍阅读 关怀版

当前位置: 首页>政务公开>规范标准 > 新词术语公告

藏文名词术语规范公报 总第121期

作者: 来源:区藏语委办(编译局) 发布时间:2021-12-21

一、术语名词

གཅིག ཐ་སྙད་མིང་ཚིག

生态屏障区

སྐྱེ་ཁམས་སྲུང་བཅད་ཁུལ།

水系源头区

ཆུ་རྒྱུད་འབྱུང་ཁུངས་ཁུལ།

资源富集区

ཐོན་ཁུངས་འདུས་འཛོམས་ཁུལ། 

二、庆祝西藏和平解放70周年中央代表团带来的纪念品名称

གཉིས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྣམས་པའི་དྲན་རྟེན་དངོས་པོའི་མིང་།  

贺匾        

རྟེན་འབྲེལ་སྒོ་བན།

贺幛         

རྟེན་འབྲེལ་གོས་དར།

领袖画  

གཙོ་འཛིན་གྱི་སྐུ་པར།

珐琅器     

གུ་གུ་ཤའི་བུམ་པ།  (སྤྱིར་གུ་གུ་ཤའི་ཡོ་བྱད་ལ་ཟེར)

洗衣       

གོས་འཁྲུད་འཕྲུལ་ཆས།

电饼     

གློག་སླང་(གློག་གི་བག་སླང་)

医疗健康包和电子血压计

བདེ་ཐང་སྨན་ཁུག་དང་གློག་རྡུལ་ཁྲག་ཤེལ(གློག་རྡུལ་ཁྲག་ཤེད་བརྟག་ཆས།)

被单四件   

ཉལ་ཆས་སྣ་བཞི།   

调音音箱         

སྐད་སྒྲིག་སྒྲ་སྒམ།

图书

དཔེ་དེབ།

三、习近平总书记在西藏考察时重要讲话中的部分金句

གསུམ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་ཁྲོད་ཀྱི་ལེགས་བཤད་ཁག་གཅིག

宗教的发展规律在于

ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ནིམཐུན་པཡིན།

宗教要和顺、社会要和谐、民族要和睦

ཆོས་ལུགས་འགྲིག་མཐུན་དང་།  སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་ཡོང་བ་བྱེད་དགོས།

援藏精神   

 བོད་སྐྱོར་སྙིང་སྟོབས།

56个民族是石榴籽,中华民族是整体的石榴

མི་རིགས་༥༦ནི་སེ་འབྲུའི་འབྲུ་གུ་ལྟ་བུ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་པོ་ལྟ་བུ་ཡིན།

建设美丽幸福西藏共圆伟大复兴梦想

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།


四、 习近平总书记在中央民族工作会议重要讲话中的部分金句

བཞི།ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའིགསུང་བཤད་གལ་ཆེན་ཁྲོད་ཀྱི་ལེགས་བཤད་ཁག་གཅིག

必须从中华民族伟大复兴战略高度把握新时代党的民族工作的历史方位,以实现中华民族伟大复兴为出发点和落脚点,统筹谋划和推进新时代党的民族工作。  

ངེས་པར་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས། 

必须把推动各民族为全面建设社会主义现代化国家共同奋斗作为新时代党的民族工作的重要任务,促进各民族紧跟时代步伐,共同团结奋斗、共同繁荣发展。     

ངེས་པར་དུ་མི་རིགས་ཁག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་ཐུན་མོང་ཐོག་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། མི་རིགས་ཁག་གིས་དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་སྙེག་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

必须以铸牢中华民族共同体意识为新时代党的民族工作的主线,推动各民族坚定对伟大祖国、中华民族、中华文化、中国共产党、中国特色社会主义的高度认同,不断推进中华民族共同体建设。     

ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས། མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་མོས་སེམས་བརྟན་པོ་བཅང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས། 

必须坚持正确的中华民族历史观,增强对中华民族的认同感和自豪感。

ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་དགོས།

必须坚持各民族一律平等,保证各民族共同当家作主、参与国家事务管理,保障各族群众合法权益。    

ངེས་པར་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་ཐུན་མོང་ཐོག་རང་ཁྱིམ་རང་བདག་དང་རྒྱལ་ཁབ་ཀྱི་བྱ་བའི་དོ་དམ་ནང་ཞུགས་རྒྱུར་འགན་ལེན་བྱེད་པ་དང་།   མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། 

必须高举中华民族大团结旗帜,促进各民族在中华民族大家庭中像石榴籽一样紧紧抱在一起。  

ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁྲོད་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས། 

必须坚持和完善民族区域自治制度,确保党中央政令畅通,确保国家法律法规实施,支持各民族发展经济、改善民生,实现共同发展、共同富裕。   

ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ཐུབ་པའི་འགན་ལེན་བྱེད་པ། མི་རིགས་ཁག་གི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ལ་རྒྱབ་སྐྱོར་བྱས་ནས་ཐུན་མོང་ཐོག་གོང་འཕེལ་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་དགོས། 

必须构筑中华民族共有精神家园,使各民族人心归聚、精神相依,形成人心凝聚、团结奋进的强大精神纽带。

ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་ཁག་སེམས་པ་གཅིག་ཏུ་སྒྲིལ་བ་དང་གཅིག་སེམས་གཅིག་བརྟེན་གྱིས་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་འབྲེལ་ཐག་སྲ་བརྟན་ཞིག་ཆགས་པ་བྱེད་དགོས། 

必须促进各民族广泛交往交流交融,促进各民族在理想、信念、情感、文化上的团结统一,守望相助、手足情深。    

ངེས་པར་དུ་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་དང་། དད་སེམས། བརྩེ་སེམས། རིག་གནས་བཅས་ཀྱི་ཐད་མི་རིགས་ཁག་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཕན་ཚུན་ལྟ་སྐྱོང་དང་སྤུན་ཉེའི་བརྩེ་སེམས་ཟབ་ཏུ་གཏོང་དགོས།

必须坚持依法治理民族事务,推进民族事务治理体系和治理能力现代化。

ངེས་པར་དུ་མི་རིགས་ཀྱི་བྱ་བ་ཁྲིམས་བཞིན་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཀྱི་བྱ་བའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 

必须坚决维护国家主权、安全、发展利益,教育引导各民族继承和发扬爱国主义传统,自觉维护祖国统一、国家安全、社会稳定。

ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ཁག་ལ་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་རང་རྟོགས་ངང་སྲུང་སྐྱོང་བྱེད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། 

必须坚持党对民族工作的领导,提升解决民族问题、做好民族工作的能力和水平。     

ངེས་པར་དུ་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

要正确把握物质和精神的关系,要赋予所有改革发展以彰显中华民族共同体意识的意义,以维护统一、反对分裂的意义,以改善民生、凝聚人心的意义,让中华民族共同体牢不可破。

དངོས་པོ་དང་བསམ་པའི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ཏེ། སྒྱུར་བཅོས་དང་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་མངོན་པ་དང་།  གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་མངོན་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་མངོན་པ་བཅས་བྱས་ཐོག  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་སྲ་ཞིང་བརྟན་པ་ཞིག་ཆགས་པ་བྱེད་དགོས།

铸牢中华民族共同体意识,就是要引导各族人民牢固树立休戚与共、荣辱与共、生死与共、命运与共的共同体理念。

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ལ་ཁྲིད་སྟོན་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཡིན། 

做好新时代党的民族工作,要把铸牢中华民族共同体意识作为党的民族工作的主线。

དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་འཛིན་དགོས།

要正确把握中华文化和各民族文化的关系,各民族优秀传统文化都是中华文化的组成部分,中华文化是主干,各民族文化是枝叶,根深干壮才能枝繁叶茂。

ཀྲུང་ཧྭ་རིག་གནས་དང་མི་རིགས་ཁག་གི་རིག་གནས་ཀྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་དགོས་ཤིང་། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་ཡིན་པ་དང་། ཀྲུང་ཧྭ་རིག་གནས་ནི་སྡོང་པོ་ལྟ་བུ་དང་། མི་རིགས་ཁག་གི་རིག་གནས་ནི་ཡལ་འདབ་ལྟ་བུ་ཡིན་པས།  རྩ་བ་ཟབ་ཅིང་སྡོང་པོ་རྒྱས་ཚེ། གཞི་ནས་ཡལ་ག་དང་ལོ་འདབ་འཕེལ་ཐུབ།

要依法保障各族群众合法权益,依法妥善处理涉民族因素的案事件,依法打击各类违法犯罪行为,做到法律面前人人平等。

མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་འགན་སྲུང་བྱེད་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་བཞིན་ཐག་གཅོད་འོས་ཤིང་འཚམ་པ་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་བཞིན་རྡུང་རྡེག་གཏོང་བ་བཅས་བྱས་ཏེ། ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བ་བྱེད་དགོས། 

铸牢中华民族共同体意识是新时代党的民族工作的,所有工作要向此聚焦。  

ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི“རྐང་”ཡིན་པས། ལས་དོན་ཐམས་ཅད་དེར་དམིགས་དགོས། 

要守住意识形态阵地,积极稳妥处理涉民族因素的意识形态问题,持续肃清民族分裂、宗教极端思想流毒。  

དུ་ཤེས་འཛིན་སྟངས་ཀྱི་འཐབ་ས་བརྟན་སྲུང་བྱེད་དགོས་ཤིང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་ཐག་གཅོད་ཧུར་ཞིང་བརྟན་པ་བྱས་ཏེ། མི་རིགས་ཁ་ཕྲལ་དང་ཆོས་ལུགས་མཐར་འཛིན་གྱི་བསམ་བློའི་དུག་རྒྱུན་མུ་མཐུད་གཙང་སེལ་བྱེད་དགོས། 

要推广普及国家通用语言文字,科学保护各民族语言文字,尊重和保障少数民族语言文字学习和使用。

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། མི་རིགས་ཁག་གི་སྐད་ཡིག་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་བརྩི་འཇོག་དང་འགན་སྲུང་བྱེད་དགོས།

努力建设一支维护党的集中统一领导态度特别坚决、明辨大是大非立场特别清醒、铸牢中华民族共同体意识行动特别坚定、热爱各族群众感情特别真挚的民族地区干部队伍。   

ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཤིན་ཏུ་གསལ་པོ་དང་། ཡིན་མིན་ཆེན་པོ་གསལ་འབྱེད་ཀྱི་ལངས་ཕྱོགས་ཤིན་ཏུ་བརྟན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་བྱ་སྤྱོད་ཤིན་ཏུ་ཐག་ཆོད་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་གྱི་བརྩེ་སེམས་ཤིན་ཏུ་ཟབ་མོ་བཅས་ཡོད་པའི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

要正确把握共同性和差异性的关系,增进共同性、尊重和包容差异性是民族工作的重要原则。  

ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ནས་ཐུན་མོང་རང་བཞིན་ཤུགས་ཆེར་གཏོང་བ་དང་། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བསྟུན་མཁས་བྱ་རྒྱུ་ནི་མི་རིགས་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་ཡིན། 

民族地区要立足资源禀赋、发展条件、比较优势等实际,找准把握新发展阶段、贯彻新发展理念、融入新发展格局、实现高质量发展、促进共同富裕的切入点和发力点。

མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། དགེ་མཚན་ཆེ་རིགས་སོགས་ཀྱི་དོན་དངོས་ལ་གཞི་བཙུགས་ནས། གོང་འཕེལ་གྱི་དུས་མཚམས་གསར་པར་སྟངས་འཛིན་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར། གོང་འཕེལ་གྱི་རྣམ་པ་གསར་པར་མཉམ་འདྲེས། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བ། ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཇུག་སྒོ་དང་ཤུགས་རྒྱག་ས་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱེད་དགོས། 
要支持民族地区实现巩固脱贫攻坚成果同乡村振兴有效衔接,促进农牧业高质高效、乡村宜居宜业、农牧民富裕富足。要完善沿边开发开放政策体系,深入推进固边兴边富民行动。

མི་རིགས་ས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ།  ཞིང་འབྲོག་ལས་སྤུས་ལེགས་ཕན་འབྲས་ཆེ་བ་དང་། གྲོང་གསེབ་གནས་འཕྲོད་ལས་འཕྲོད། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།  མཐའ་རྒྱུད་གསར་སྤེལ་དང་སྒྱུར་བཅོས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།



【打印本页】 【关闭窗口】